མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཏེར་ལེན་ཁ་གྲོང་ཁྱེར་དུ་འཚོགས་པ།

ཡོང་ཁུངས།:  སྤེལ་དུས།:2019-08-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།དུས་རབས་གསར་པའི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ལ་སྐུལ་འདེད་གཏང་ཆེད།  ཟླ་བརྒྱད་པའི་ཚེས་གཅིག་ཉིན་ལ་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚོགས།ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆི་དང་ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཨ་ལི་མུའུ་ཧྲ་པི་ཐི་གཉིས་གྲོས་ཚོགས་ལ་ཞུགས་ཡོད།ཁུལ་དཔོན་གཞོན་པ་ཆན་གོ་ཆིང་གིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཡན་ཁྲེང་གྲོས་ཚོགས་ལ་ཞུགས།
        ཚོགས་འདུའི་ཐོག་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་སྟེ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རྩ་འཛུགས་འདུ་ཤེས་བརྟན་པོར་འཛུགས་པ་དེ་ལོ་ཙཱའི་ལས་དོན་ཐམས་ཅད་ཀྱི་འགོ་རྩོམ་ས་དང་དོན་དུ་འབབ་སར་གཟུང་དགོས་པ་དང་།  མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ཤིང་།ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་འཕེལ་རྒྱས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་རོགས་འདེགས་པ་བྱ་དགོས་པ་དང་།  ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་ཐབས་ཤེས་སྨྲ་བས་ལོ་ཙཱའི་ཞིབ་འཇུག་དང་ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་དུས་རབས་གསར་པའི་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་ཁྲོད་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་དང་།  ནུས་པའི་འཛུགས་སྐྲུན་དམ་འཛིན་ནན་པོ་བྱས་ཏེ། རིགས་པའི་གཞུང་ལུགས་འཛུགས་སྐྱོང་དང་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་པར་མཐོང་ཆེན་བྱེད་པ་དང་།མུ་མཐུད་དུ་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་རྩ་འཛུགསའདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་རྨང་གཞིའི་ནུས་པ་ཐོན་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་གྱིས་བསྟན་ཡོད།
      རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་བཅུ་བཞི་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་པ་རྣམས་ཚོགས་འདུར་ཞུགས་པ་རེད།འཐུས་མི་ཚོསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་གི་མི་རིགས་སྐད་ཡིག་ལོ་ཙཱའི་ཞིབ་འཇུག་གི་གྲུབ་འབྲས་དང་ཉམས་མྱོངཞེས་པའི་བརྗོད་དོན་དེར་དམིགས་ནས་བགྲོ་གླེང་མཛད་པ་རེད།བགྲོ་གླེང་གི་ནང་དོན་ལ་ཆབ་སྲིད་ཡིག་ཆའི་སྐོར་གྱི་མི་རིགས་སྐད་ཡིག་ལོ་ཙཱ་དང་ཁྱབ་སྤེལ།  མི་རིགས་བསྟན་བཅོས་ཀྱི་ལོ་ཙཱ་དང་ཁྱབ་སྤེལ།  མི་རིགས་སྐད་ཡིག་ལོ་ཙཱའི་ལོ་རྒྱུས། བརྡ་ཆད་གསར་པའི་ལོ་ཙཱ།  ལོ་ཙཱའི་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། འཕྲུལ་ཆས་ཀྱི་ལོ་ཙཱ་སོགས་ཕྱོགས་མང་པོ་ཚུད་ཡོད། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་རང་ཉིད་ཀྱི་ལོ་ཙཱའི་ལག་ལེན་དང་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་དང་ཟུང་འབྲེལ་བྱས་ཏེ།  ཚང་མས་རང་ཉིད་ཀྱི་ལྟ་སྟངས་བཤད་པ་དང་། གང་བསམ་ལྷུག་པོར་གླེང་བས།  ཉམས་མྱོང་བརྗེ་རེས་ཀྱི་ངང་ཚུལ་ལེགས་པོ་ཞིག་ཆགས་ཤིང་།དངོས་གནས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་ནས་ཤེས་བྱ་གསར་པ་མཉམ་སྤྱོད་བྱེད་པའི་དམིགས་ཡུལ་འགྲུབ་པ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཚན་ཧྲི་དང་ལོ་ཙཱ་བ་གྲགས་ཅན་མགོ་ལོག་རྣམ་རྒྱལ།ཐེན་ཅིན་བཟོ་ལས་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ཝང་ཀྲི་གོ ཡོངས་འཛིན་འཚོལ་ཞིབ་མ་ལག་གི་ལག་རྩལ་ཆེད་མཁས་མི་སྣ་དཀོན་མཆོག་རྡོ་རྗེ་སོགས་ཀྱིས་མི་རིགས་བསྟན་བཅོས་རྒྱ་འགྱུར་དང་ཡིག་རིགས་གཞན་འགྱུར། ཡོངས་འཛིན་འཚོལ་ཞིབ་མ་ལག་འཛུགས་སྐྲུན་སོགས་ལ་དམིགས་ནས་བརྗོད་དོན་སྙན་ཞུ་སྤེལ།སྙན་ཞུར་དོན་སྙིང་ལྡན་ལ། ཚང་མས་དགའ་བསུ་ཆེན་པོ་ཐོབ།

གྲངས་ཉུང་མི་རིགས་ཀྱི་བསྟན་བཅོས་ཕྱི་ཕྱོགས་ལ་ལོ་ཙཱ་བྱེད་པ་ནི་སྐད་བརྡ་སྒྱུར་བ་གཅིག་པུ་མ་ཡིན་པར་དུས་མཚུངས་སུ་རིག་གནས་ཀྱི་ཐེག་བྱེད་གལ་ཆེན་ཞིག་ཀྱང་རེད།  དེ་བས་ཕྱི་ཕྱོགས་ལ་ལོ་ཙཱ་བྱེད་སྐབས་སྐད་བརྡ་སྒྱུར་བ་ལས་གཞན།  གྲངས་ཉུང་མི་རིགས་ཀྱི་བསྟན་བཅོས་ཀྱི་ཡང་སྙིང་ལས་ཐོན་པའི་རིག་གནས་ཀྱི་གོ་དོན་ཡང་སྔོན་འདོན་བྱ་དགོས།གཞན་ཡང་། གྲངས་ཉུང་མི་རིགས་ཀྱི་བསྟོན་བཅོས་ལ་རང་གི་རིག་གནས་ཀྱི་ཁྱད་ཆོས་ཡོད་པ་དང་།ང་ཚོས་ནུབ་ཕྱོགས་ཀྱི་དེང་རབས་གཞུང་ལུགས་ཁ་ཤས་འོས་སྦྱོར་དང་མིག་དཔེ་རུ་བཟུང་ཆོག་ལ།  དཔེར་ན། མི་རིགས་སྙན་ཚིག་རིག་པ་གཏིང་ཟབ་ཏུ་བསྒྱུར་བ་དང་དེང་སྐབས་ཀྱི་སྐད་བརྡ་རིག་པའི་ལས་རིགས་སུ་དར་ཁྱབ་ཆེ་བའི་རྣམ་པ་མང་པོའི་ཞིབ་འཇུག་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་བསྟན་བཅོས་ཕྱི་ཕྱོགས་ལ་ཁྱབ་སྤེལ་དང་ལོ་ཙཱ་བྱེད་པའི་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས་པ་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་ལེགས་སྐྱེས་འབུལ་བ་ཞིག་ཀྱང་ཡིན་ཞེས་ཝང་ཀྲི་གོ་ཡིས་བཤད།

ཚོ་ཆུང་བགོས་ནས་བགྲོ་གླེང་བྱེད་སྐབས།  ཚོགས་ཞུགས་འཐུས་མི་ཚང་མར་མོས་མཐུན་བྱུང་བ་ནི།  མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ནི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱེད་པ་དང་།  མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་

བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་།  དུས་རབས་གསར་པའི་མི་རིགས་སྐད་ཡིག་ལོ་ཙཱ་བྱེད་མཁན་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་བཟུང་སྟེ། ཕུལ་དུ་བྱུང་བའི་ལོ་ཙཱའི་བརྩམས་ཆོས་དང་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཀྱིས་ཀྲུང་ཧྭའི་ཤེས་རིག་ཁྱབ་སྤེལ་དང་མངོན་གསལ་དུ་གཏོང་བ་དང་།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།  བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུནཞེས་པ་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་གཞག་དགོས་ཞེས་པ་དེ་ཡིན།

ཡོང་ཁུངས། ཚྭ་འདམ་ཉིན་རེའི་ཚགས་པར།



ཞོལ་མ།:མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅུ་གཅིག་པ་མཚོ་ནུབ་ཁུལ་ནས་འཚོགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235