མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་དམ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་བཞག

ཡོང་ཁུངས།:  སྤེལ་དུས།:2019-08-30  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཞའོ་ཡུང་གིས་སྣེ་ཁྲིད་པའི་རྟོག་ཞིབ་ཚན་ཆུང་རང་ཁུལ་དུ་ཡོང་ནས་དཔལ་འབྱོར་འཁོར་སྐྱོད་དང་རྣམ་གྲངས་དངུལ་གཏོང་བྱ་བར་རྟོག་ཞིབ་བྱས་པ་མ་ཟད།ད་དུང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རང་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་དང་ཁུལ་དཔོན་གཞོན་པ་ལོན་ཧྥུན་ཅང་ཚོགས་འདུར་ཞུགས།

རྟོག་ཞིབ་ཚོགས་པས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་ཉན་ཞིང་།རང་ཁུལ་གྱི་ཟླ་བ་དང་པོ་ནས་ཟླ་བ་བདུན་པའི་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་དང་ཉེ་བའི་ལོ་འགའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་བྱས།རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཁྱོན་ཡོངས་ལ་རྐང་བཙུགས་ཏེ་བསམ་བློ་གཅིག་གྱུར་སྒོས་རྣམ་གྲངས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་མྱུར་མཁོའི་རང་བཞིན་གང་ལེགས་སྒོས་ངོས་འཛིན་དང་ཇེ་མགྱོགས་སུ་བཏང་ནས།ངེས་པ་དོན་གྱིས་རྣམ་གྲངས་འཛུགས་སྐྲུན་དང་རྣམ་གྲངས་གསར་བ་འཛུགས་སྐྲུན་དམ་འཛིན་བྱེད་དགོས།འབྲེལ་ཡོད་གཙོ་གནད་འགན་འཁྲིའི་སྟེང་ལས་འགན་གསལ་བོར་བྱས་ནས། དམིགས་འབེན་ནན་ཞིབ་བྱེད་དགོས་ལ།ཕྱོགས་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། ཚན་རིག་རང་བཞིན་དང་དོན་དངོས་རང་བཞིན་གྱིས་སྒྲིག་ཁོངས་བྱ་བར་འཆར་འགོད་བཟོས་ཏེ།ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྒྲིག་ཁོངས་འཆར་འགོད་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་དགོས།  གསང་སྤྱོད་བཅོས་སྒྱུར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཏེ།སྤྱི་བའི་གསང་སྤྱོད་རྙིང་རལ་བཅོས་སྐྱོང་ལ་སྐུལ་འདེད་བྱེད་དགོས་ལ། གསང་སྤྱོད་རྙིང་བ་དང་བཙོག་ལུད་ཕྱིར་འབུད་དང་བཅོས་སྐྱོང་གི་བྱ་བ་བཟང་བོར་བསྒྲུབ་ཏེ།ཞིང་སྡེའི་དུད་ཚང་ལ་གསང་སྤྱོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་རོགས་རམ་བྱེད་དགོས་ལ།ཞིང་སྡེའི་ཁོར་ཡུག་གི་བཙོག་ལུད་དང་བཙོག་ཆུ་ཐག་གཅོད་བྱས་ནས། ཞིང་སྡེའི་འཚོ་བའི་ཁོར་ཡུག་ལེགས་པོར་བསྒྱུར་དགོས།ཞིང་ཆེན་དང་ཁུལ་བར་གྱི་མཐུན་སྦྱོར་བྱ་བར་ཤུགས་བསྣན་ཏེ་དཀའ་གནད་ལ་འཕྲད་པའི་གནད་དོན་མཉམ་དུ་ཞིབ་འཇུག་ཐག་གཅོད་བྱེད་པ་དང་།བྱ་བའི་མཐུན་འབྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་གཞི་རྣམ་གྲངས་སོ་སོའི་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།

མེང་ཧའེ་ཡིས་གཏམ་བཤད་ཁྲོད་བསྟན་དོན།རྟོག་ཞིབ་ཚོགས་པས་བཏོན་པའི་བསམ་འཆར་ལ་ང་ཚོས་ནན་ཏན་སྒོས་དོན་འཁྱོལ་བྱེད་ངེས་ཤིང་། ཁུལ་ཡོངས་ཀྱི་དོན་དངོས་བྱ་བ་དང་དེང་སྐབས་ཀྱི་གཙོ་གནད་བྱ་བའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས།སློབ་སྦྱོང་ལ་གོ་བ་ལོན་པ་དང་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱེད་ངེས་ལ་དོན་འཁྱོལ་ཡོང་ཐག་ཆོད་ཡིན།བསམ་བློ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན་སྒོས་བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་།ཚན་རིག་རྩ་འཛུགས་ཀྱིས་ཐོན་སྐྱེད་འཁོར་སྐྱོད་བྱེད་དགོས་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་དམ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས།རྣམ་གྲངས་འཛུགས་སྐྲུན་དང་སྒྲིག་ཁོངས་འཕེལ་རིམ་སྟེང་ཤུགས་བསྣན་ཏེ། གཙོ་གནད་ལས་གཞི་དམ་འཛིན་བྱེད་དགོས་ལ།དུས་རིམ་སྔོན་མའི་ལས་གཞིའི་འགོ་ལེགས་པོར་བརྩམས་ནས་ལས་གཞི་ལ་འགན་སྲུང་བྱེད་པ་དང་ལས་གཞིའི་འཕེལ་རིམ་དམ་འཛིན་བྱེད་པ་བཅས་བྱས་ནས།ལས་གཞི་རྣམ་གྲངས་བརྟན་བརླིང་ངང་མདུན་དུ་བསྐྱོད་པར་སྐུལ་འདེད་བྱེད་པ་དང་།ཕྱོགས་ཡོངས་ནས་ཐོན་ལས་བཀོད་སྒྲིག་དང་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།གསང་སྤྱོད་བཅོས་སྒྱུར་དང་ནུས་ཁུངས་གསར་བ་གསར་སྤེལ་སོགས་ཀྱི་སྟེང་འབད་བརྩོན་བྱས་ཏེ།གནས་བབ་ལེགས་པོའི་ཐོན་ཁུངས་ལ་རྐང་འཛུགས་པ་དང་། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ལ།ལྗང་མདོག་གི་མཚོ་ནུབ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་བཏིང་ནས།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་གསར་བ་འཇོག་དགོས་པའི་བླང་བྱ་བཏོན།



ཞོལ་མ།:རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཏེར་ལེན་ཁ་གྲོང་ཁྱེར་དུ་འཚོགས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235