མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་སྤེལ་བའི་རྩ་ཁྲིམས་ཤེས་བྱ་འགའ།

ཡོང་ཁུངས།:  སྤེལ་དུས།:2019-12-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

རྩ་ཁྲིམས་ཀྱི་གོ་གནས།

དང་པོ། རྩ་ཁྲིམས་ནི་བཅའ་ཁྲིམས་གཞན་དག་གི་ཁྲིམས་འཛུགས་རྨང་གཞི་ཡིན་པ་དང་།བཅའ་ཁྲིམས་གཞན་དག་ནི་རྩ་ཁྲིམས་ཀྱི་བྱེ་བྲག་གི་ངོ་བོ་ཡིན།

གཉིས་པ། བཅའ་ཁྲིམས་གང་རུང་རྩ་ཁྲིམས་དང་འགལ་མི་ཆོག་ལ།འགལ་ཚེ་ནུས་ཆོད་མེད།

གསུམ་པ། རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན།

བཞི་པ།རྩ་ཁྲིམས་ནི་བྱ་སྤྱོད་ཀྱི་ཚད་གཞི་ཆེས་མཐོ་ཤོས་དེ་ཡིན་པ་དང་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན།

རྩ་ཁྲིམས་ཀྱི་ནུས་པ།

དང་པོ། རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྲུན་པར་འགན་སྲུང་བྱས་ཡོད།

གཉིས་པ། རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

གསུམ་པ། རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

བཞི་པ།རྩ་ཁྲིམས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་དང་སྤྱི་ཚོགས་ཀྱི་བྱ་གཞག་སྣ་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད།

རྩ་ཁྲིམས་ཀྱི་དོན་སྙིང་།

དང་པོ།རྒྱལ་ཁབ་ཀྱི་དབང་ཆ་སྲ་བརྟན་དུ་གཏོང་བ་དང་དེ་ལ་སྲུང་སྐྱོང་བྱས་ཏེ།རྒྱལ་ཁབ་ཀྱི་དབང་ཆ་ནུས་ལྡན་ངང་བེད་སྤྱོད་བྱེད་པ་ཚད་ལྡན་དུ་གཏང་དགོས།

གཉིས་པ།ཁྲིམས་ལུགས་གཅིག་གྱུར་ཡོང་བར་རྨང་གཞི་འདིང་བ་དང་ཁྲིམས་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་རྨང་གཞི་འདིང་དགོས།

གསུམ་པ།རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་གཏན་ཁེལ་དང་དེ་ལ་སྲུང་སྐྱོང་བྱས་ཏེ།རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་བྱ་དགོས།

བཞི་པ།རང་ཉིད་ཀྱི་དཔལ་འབྱོར་རྨང་གཞིར་སྲུང་སྐྱོང་བྱས་ཏེ།དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས།

ལྔ་པ། རྩ་ཁྲིམས་ལག་བསྟར་གང་ལེགས་བྱས་ཏེ།ཁྲིམས་ལུགས་འཐུས་སྒོ་ཚང་བ་དང་ཆ་ཚང་བར་གཏང་དགོས།

གོང་མ།:མཚོ་ནུབ་ཀྱི་གནམ་གྲུ་འབབ་ཐང་གསུམ་གྱིས་ལམ་ཐིག་ཐུང་བའི་ཕར་འགྲོ་ཚུར་འོང་གི་མགྲོན་པོ་ཁྲི་གཅིག་སྐྱེལ་འདྲེན་ལེགས་འགྲུབ་བྱུང་།

ཞོལ་མ།:གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལེགས་འགྲུབ་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235