མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཡུལ་ཀྱི་བཀོད་པ།
 

གཙང་གསུམ་རྒྱལ་ཁབ་སྤྱི་གླིང་གིས་སྐབས་དང་པོའི་ཀྲུང་གོའི་སྐྱེ་ཁམས་སྒེའུ་ཁུང་གི་བརྙན་རིས་འགྲེམས་སྟོན་བྱས་པ།

ཡོང་ཁུངས།:  སྤེལ་དུས།:2018-12-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཟླ11པའི་ཚེས23ཉིན། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཐོག་མ་སྟེ་གཙང་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྐབས་དང་པོའིཀྲུང་གོའི་སྐྱེ་ཁམས་སྒེའུ་ཁངགི་བརྙན་རིས་འགྲེམས་སྟོན་དཔྱད་འདེམས་མཇུག་འབྲས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འགྲེམས་སྟོན་བྱས་ཤིང་།བརྙན་ལེན་དང་པར་ལེན་མཁན་འབོར་ཆེན་ཞིག་གིས་པར་རིས་ལ་བརྟེན་ནས་ཀྲུང་གོའི་གཙང་པོའི་འགོ་ཁུངས་ཀྱི་ཆེས་མཛེས་སྡུག་ཡིད་དུ་འོངས་བའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་གོམས་གཤིས་་ཟིན་བྲིས་སུ་བཏབ་པ་རེད།

གཙང་གསུམ་འབྱུང་ཁུངས་ས་ཁུལ་དེ་མདོ་དབུས་མཐོ་སྒང་གི་བྲང་གཞོང་དུ་ཆགས་ཤིང་།འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་ལ།འཛམ་གླིང་གི་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ཡང་མངོན་གསལ་དོད་པོ་ལྡན་པས་གྲང་ངར་ཆེ་བའི་སྐྱེ་དངོས་རང་བྱུང་བྱ་དངོས་ཀྱི་ཐོན་ཁུངས་བང་མཛོད་དུ་ཡང་བསྔགས།གཙང་གསུམ་ས་ཁུལ་དུ་དམིགས་གསལ་གྱི་ཁྱད་ཆོས་དང་དཔེར་མཚོན་རང་བཞིན་གྱི་མཐོ་སྒང་གི་གྲང་ངར་ཆེ་བའི་སྐྱེ་ཁམས་མ་ལག་ཆགས་ཡོད།

http://www.qhtibetan.com/public/www.qhtibetan.com/uploader/image/2018/11/28/5bfe09c29843930894246362.jpg

འདྲ་པར་འདི་ནི་བརྙན་ལེན་མཁན་ཅང་ཝུན་པོ་ཡིཨ་ཆེན་གངས་རྒྱབ་ཀྱི་གཙོདཅེས་པའི་པར་ཚོགས་ཁྲོད་ཀྱི་གཅིག་རེད།

དེ་ཡང་ཀྲུང་ཞིན་དྲ་བའི་གསར་འགོད་རྒྱུས་ལོན་ལྟར་ན།ད་ལོའི་ཟླ4པའི་ནང་ནས་བཟུང་གཙང་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ།མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་།མཚོ་སྔོན་ཞིང་ཆེན་བརྙན་ལེན་མཁན་མཐུན་ཚོགས།གཙང་གསུམ་དུས་རབས་བརྙན་ལེན་ལྟེ་ནགས་མཉམ་འབྲེལ་རྩ་འཛུགས་བརྙན་ལེན་མཁན་དང་བརྙན་ལེན་དགའ་མོས་མཁན།གསར་རྩོམ་བསྡུ་རུབ་བཅས་ཀྱིས་གཙང་གསུམ་ས་ཁུལ་བརྙན་དུ་ཕབ་པའི་རང་བྱུང་སྐྱེ་ཁམས་དང་མི་རིགས་དམངས་སྲོལ།མི་ཆོས་ས་ཁམས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། སྐྱེ་ཁམས་བདག་དོམ།དེ་མིན་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་བཅས་ཀྱི་བརྙན་རིས་བརྩམས་ཆོས3942ལྷག་འགྲེམས་སྟོན་བྱས་ཡོད།

http://www.qhtibetan.com/public/www.qhtibetan.com/uploader/image/2018/11/28/5bfe0a3e9843930894246363.jpg

པར་འདི་ནི་བརྙན་ལེན་པ་དཔའ་བཟང་གི་པར་རིས་བརྩམས་ཆོསགནས་མཆོག་གཉན་པོ་གཡུ་རྩེརེད།

མཇུག་མཐར་རིམ་པ་དང་པོའི་ཐོག་མའི་དཔྱད་འདེམས་ལས་བརྩམས་ཆོས1215འདེམས་པ་དང་།རིམ་པ་གཉིས་པའི་དཔྱད་འདེམས་ལས་བརྩམས་ཆོས275བདམས།དེའི་ཁྲོད་ཉར་ཚགས་བྱ་དགའི་བརྩམས་ཆོས3དང་།ཨང་དང་པོ2 ཨང་གཉིས་པ4 ཨང་གསུམ་པ6 ཕུལ་བྱུང་བྱ་དགའ6 དཔྱད་འདེམས་ཁྲོད་ཚུད་པ200བཅས་ཡོད།

http://www.qhtibetan.com/public/www.qhtibetan.com/uploader/image/2018/11/28/5bfe0a5b9843930894246364.jpg

པར་འདི་ནི་བརྙན་ལེན་པ་ཝུན་ཏི་ཡིསགནམ་མཐའི་ཟོ་སྐྱཞེས་པའི་པར་ཚོམ་ཁྲོད་ཀྱི་གཅིག་རེད།

དེའི་ཁྲོད་བརྙན་ལེན་པ་ཧྲི་ཀྲན་ཀོ་ཡིསྐུ་ལྷ་དར་མདུང་གི་འཁྱགས་རོམཔར་ཚོམ་དང་ཅང་ཡོན་ཝུན་པོ་ཡིཨ་ཆེན་གངས་རྒྱབ་ཀྱི་གཙོདཅེས་པའི་པར་ཚོམ།དཔའ་བཟང་གིགནས་མཆོག་གཉན་པོ་གཡུ་རྩེབཅས་ལ་ཉར་ཚགས་ཀྱི་བྱ་དགའི་གཟེངས་རྟགས་ཐོབ།

http://www.qhtibetan.com/public/www.qhtibetan.com/uploader/image/2018/11/28/5bfe0a719843930894246365.jpg

བརྙན་ལེན་མཁན་ཝུན་ཏི་ཡིགནམ་མཐའི་ཟོ་སྐྱཞེས་པའི་པར་ཚོམ་དང་པོ་ཡོན་ཆིང་གིའཁོན་ཡ་ལམ་འཕྲདཅེས་པར་བྱ་དགའ་ཨང་དང་པོ་ཐོབ།

བརྙན་ལེན་འགྲེམས་སྟོན་གྱིས་སྤྱི་ཚོགས་ལ་ཕྱོགས་གང་མང་ནས་གཙང་པོའི་མགོ་ཁོངས་ལ་ལྟ་བའི་སྟེགས་བུ་འདོན་སྤྲོད་བྱས་ཤིང་།གཙང་གསུམ་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་མཁན་སྔར་ལས་ཇེ་མང་དུ་ཡོང་བའི་རེ་བ་ཡང་བཟུང་ཡོད་པ་རེད།

གོང་མ།:ཚྭ་འདམ་གཞོང་གི་ཚྭ་མཚོའི་ཟུར་ཞིག

ཞོལ་མ།:བར་སྣང་ནས་ཚྭ་འདམ་མཚེའུ་པར་བླངས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235